Die Konferenz "Waterfall of Youth and  Modern Tibetan Literature" steht vor der Tür.

31. Oktober 2015, 01:59

“This is

The waterfall that springs forth from the voices of the youth of the land of Snow!
This is
The waterfall that flows within the hearts of the youth of the land of Snow!”

from Waterfall of Youth by Dhondup Gyal

Dieses Jahr jährt sich der Todestag des grossen Gelehrten und Schriftstellers Dhondup Gyal  zum 30. Mal. Zum Gedenken seiner Person, veranstaltet der Verein Tibeter Jugend in Europa (VTJE) eine Konferenz, anlässlich dieser unter anderem einige seine Werke sowie moderne tibetische Literatur besprochen werden. 

Der Zugang zur zeitgenössischen tibetischen Literatur bleibt vielen jungen Tibeter/innen der zweiten und dritten Generation im Exil aufgrund der begrenzten Sprachkenntnisse verschlossen. Darum sind wir davon überzeugt, dass die Bedeutung und Ideen dieser modernen Schriften verbreitet und diskutiert werden sollen. Wir möchten eine Brücke bauen zwischen der tibetischen Jugend im Exil und der in Tibet verfassten Literatur. 

Die Konferenz findet am Samstag, 28. November 2015, im Volkshaus in Zürich statt. 

Wir freuen uns, dass wir Dr. Lama Jabb als Gastredner gewinnen konnten. Er ist ein Experte in tibetischer Literatur und arbeitet als Wissenschaftler im Tibetan and Himalayan Studies Centre am Wolfson College der Oxford Universität.
 

Alle Tibeter/innen sind herzlich eingeladen. 
Vereinsmitglieder und junge Tibeter/innen haben Vorrang.
Anmeldegebühr 30 CHF, für Asylsuchende 15 CHF (inkl. Konferenzunterlagen und Mittagessen)

Anmeldeformular: https://goo.gl/w0mqO7
Anmeldeschluss: 20. November 2015

Die Konferenz wird in Tibetisch und Deutsch durchgeführt.

Der VTJE freut sich auf eine interessante Konferenz mit lebhaften Debatten und spannenden Diskussionen über tibetische Literatur und ihr Verhältnis zur tibetischen Gesellschaft. Dhondup Gyals Wasserfall der Jugend soll niemals versiegen.

 

གསལ་བསྒྲགས། 
ལང་ཚོའི་རྦབ་ཆུ་དང་དེང་རབས་བོད་ཀྱི་རྩོམ་རིག་སྐོར་གྱི་བགྲོ་གླེང་ཚོགས་འདུའི་གསལ་བསྒྲགས།
 
འདི་ལོ་ཉིས་སྟོང་བཅོ་ལྔ་ལོ་འདི་ནི་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་དུ་འབོད་པའི་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་མི་ལོ་ཧྲིལ་བོ་སུམ་ཅུ་འཁོར་བའི་ལོ་ཚིགས་ཁྱད་པར་བ་ཞིག་ཡིན་པ་དང་། དེང་རབས་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་ལ་ལེགས་སྐྱེས་བླ་མེད་ཕུལ་གནང་བའི་རླབས་ཆེན་གྱི་སྐྱེས་བུ་ཁོང་རྗེས་དྲན་གྱི་ཆེད་དུ། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་སྣེ་ཁྲིད་གོ་སྒྲིག་འོག་དཔལ་དོན་གྲུབ་རྒྱལ་དང་འབྲེལ་དེང་རབས་བོད་ཀྱི་རྩོམ་རིག་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེའི་ཚོགས་འདུ་གལ་ཆེན་ཞིག་གོ་སྒྲིག་ཞུ་བཞིན་ཡོད།
 ཚོགས་འདུ་འདི་ནི་བོད་ཀྱི་ཤེས་ཡོན་པ་ཞིག་རྗེས་སུ་དྲན་པ་ཙམ་མ་ཡིན་པར་ལོ་རྒྱུས་རང་བཞིན་ཅན་གྱི་བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ལའང་ཕྱིར་དྲན་བྱེད་པ་ཡིན།  དམིགས་བསལ་ཡུ་རོབ་ནང་འཚར་ལོང་བྱུང་བའི་བོད་རིགས་གཞོན་སྐྱེས་ཁག་ལ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཐད་ངེས་ཤེས་དང་གོ་རྟོག་སྤེལ་སླད་བཅས་ཡིན་ཞིང་། འདི་ལྟ་བུའི་བྱེད་སྒོ་སྣ་ཚོགས་བརྒྱུད་བོད་ཀྱི་མེས་པོ་བྱས་རྗེས་ཅན་དག་གི་བླ་མེད་ཀྱི་མཛད་རྗེས་ལ་གོང་བཀུར་དང་།
བོད་ནང་གི་དེང་རབས་རྩོམ་རིག་དང་བཙན་བྱོལ་དུ་སྐྱེས་པའི་མི་རབས་གསར་བ་ཚོའི་བར་དུ་འབྲེལ་ལམ་གང་ལེགས་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་པ་དེ་ཡིན། 
 
ཐེངས་འདིའི་ཚོགས་འདུའི་ཁྲོད་ང་ཚོས་ཨོཀ་སི་ཧྥོར་སྒྲི་གཙུག་ལག་སློབ་གྲྭ་ (Oxford University) ཆེན་མོར་བོད་ཀྱི་རྩོམ་རིག་སྐོར་ནས་འཆད་ཁྲིད་གནང་བཞིན་པའི་དགེ་རྒན་ཆེན་མོ་དང་།།བོད་དང་ཧི་མ་ལ་ཡའི་རིག་གཞུང་སྐོར་གྱི་ཆེད་ལས་ཞིབ་འཇུག་པ་བླ་མ་སྐྱབས་ལགས་ཐེངས་འདིའི་གཏམ་བཤད་པ་གཙོ་གྲས་སུ་ཆེད་དུ་གདན་ཞུ་བྱས་ཡོད། 
 
 
གལ་ཆེ་བའི་བགྲོ་གླེང་ཚོགས་འདུ་འདི་ཉིད་ཕྱི་ལོ་༢༠༡༥ ཟླ་༡༡ ཚེས ༢༨(རེས་གཟའ་སྤེན་པ།)ཉིན་སུད་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཛིའུ་རིག་(Zurich)ཏུ་འཚོགས་རྒྱུ་ཡིན་ལ།  ཚོགས་འདུར་མཉམ་ཞུགས་བྱེད་པར་ངེས་པར་དུ་དྲ་ཐོག་ནས་དེབ་སྐྱེལ་བྱེད་དགོས་པ་དང་དེབ་སྐྱེལ་གྱི་མཐའ་མའི་དུས་ཡུན་ནི་ཕྱི་ཟླ་༡༡ ཚེས་༡༤་བར་དུ་ཡིན། འཛམ་གླིང་གི་རྒྱལ་ཁབ་གང་སར་ཡོད་པའི་བོད་རིགས་སེར་སྐྱ་རྒན་གཞོན་སུ་ཡིན་ཡང་ཚོགས་འདུ་འདིར་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད།  འོན་ཀྱང་།  ཡོ་རོབ་བོད་ཀྱི་གཞོན་ནུའི་ཚོགས་མི་དང་དེ་མིན་གཞོན་སྐྱེས་རིགས་ལ་དམིགས་བསལ་གྱི་ཕེབས་བསུ་ཞུ་ངེས་ཡིན།
 
ཚོགས་འདུ་འདིར་དེབ་སྐྱེལ་བྱེད་པར་མི་རེའི་སུད་སྒོར་ ༣༠ ཡིན་མོད། གལ་སྲིད་དོ་བདག་སྐྱབས་བཅོལ་སྙན་ཞུ་ཐག་ཆོད་མ་ཟིན་པའི་གྲས་ཡིན་ན་སུད་སྒོར་ ༡༥་ཡིན།
 
ཚོགས་འདུའི་་སྐབས་ཀྱི་སྐད་ཡིག་བོད་སྐད་དང་འཇར་མེན་སྐད་ཡིག་གཉིས་ཡིན།
 
དཔལ་དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུའི་བཞུར་རྒྱུན་ནི་ནམ་ཡང་རྒྱུན་ཆད་མི་སྲིད་ལ།   དེ་ནི་ཐ་ན་བསྐལ་བའི་མཐར་ཡང་གཟི་བརྗིད་དང་སྤོབས་པའི་ངང་དུ་བཞུར་ངེས་ཡིན།